[阅读: 375] 2010-09-19 23:37:37
ང་དང་ཁྱེད་ཀྱི་ལས་དབང་རི་ཁྲོད་འགྲིམས་པའི་རྣལ་འབྱོར།
རྒྱང་རིང་རི་གྲོང་མཐོང་ནས་ག་ཚོད་ཆས་ཀྱང་སླེབས་རྒྱུ་མེད།
ང་དང་ཁྱེད་ཀྱི་ལས་དབང་དམར་པོ་རི་ཡི་ཕོ་བྲང་།
མི་རབས་གསུམ་བཞིས་བཞེངས་ཀྱང་ཚར་རྒྱུ་ཡེ་ནས་མི་འདུག
ཁྱེད་ཀྱི་གསུངས་དང་།
ལས་དབང་འདི་ང་གཉིས་ལ་དབང་བ་ཡིན་ཡང་ན་ང་གཉིས་ལས་དབང་དེ་འདོད་པ་ཡིན།
གང་ལྟར་ཅིའི་ཕྱིར།
ཁྱེད་ཀྱི་ང་ལ་གསུངས་དང་།